点这进入:房屋修缮 上吉日象 点这进入: 5元起寄快递 找吉日象
查询

家·院子歌词

作词 : 丹真罗布
作曲 : 丹真罗布
ཁྱིམ་•སྒོ་རྭ།
སྒོ་རྭ་ཆུང་ཆུང་ ཉི་འོད་དྲོ་ཞིང་།
བསང་གི་དྲི་ཞིམ་ རླུང་བུ་འཇམ་པ།
མ་ཎའི་དབྱངས་སྒྲ་ ཕྱག་གི་ཕྲེང་བ།
གསོལ་བྱ་སྲུབས་མ་ དབུ་སྐྲ་དཀར་པོ།
ང་དང་གཅུང་མོ་ རྨོ་ལགས་གི་འགྲམ་དུ།
ཁོང་གི་མི་ཚེའི་སྒྲུང་གཏམ་ མཉམ་དུ་ཉན་ཞིན་དུ།
མཉམ་དུ་མྱོང་རོལ་བྱེད།
མཉམ་དུ་སེམས་པ་སྐྱོ།
མཉམ་དུ་གད་མོ་ཤོར།
ཁྱིམ་ཚང་དེ་ཡི་སྒོ་རྭ་བདེ་ཞིང་སྐྱིད་པ།
རྒན་རབས་ཡོད་པའི་ཁྱིམ་ཚང་། དགའ་བ་ལ།
སྒོ་རྭ་ཆུང་ཆུང་ནང་གི དགའ་འཛོམས་དགོད་སྒྲས།
ང་ཡི་ལུས་སེམས་ཁྱིམ་ཚང་ནང་ལ་ལུས།
སྒོ་རྭ་ཆུང་ཆུང་ ཉི་འོད་དྲོ་ཞིང་།
བསང་གི་དྲི་ཞིམ་ རླུང་བུ་འཇམ་པ།
མ་ཎའི་དབྱངས་སྒྲ་ ཕྱག་གི་ཕྲེང་བ།
གསོལ་བྱ་སྲུབས་མ་ དབུ་སྐྲ་དཀར་པོ།
ང་དང་གཅུང་མོ་ རྨོ་ལགས་གི་འགྲམ་དུ།
ཁོང་གི་མི་ཚེའི་སྒྲུང་གཏམ་ མཉམ་དུ་ཉན་ཞིན་དུ།
མཉམ་དུ་མྱོང་རོལ་བྱེད།
མཉམ་དུ་སེམས་པ་སྐྱོ།
མཉམ་དུ་གད་མོ་ཤོར།
ཁྱིམ་ཚང་དེ་ཡི་སྒོ་རྭ་བདེ་ཞིང་སྐྱིད་པ།
རྒན་རབས་ཡོད་པའི་ཁྱིམ་ཚང་། དགའ་བ་ལ།
སྒོ་རྭ་ཆུང་ཆུང་ནང་གི དགའ་འཛོམས་དགོད་སྒྲས།
ང་ཡི་ལུས་སེམས་ཁྱིམ་ཚང་ནང་ལ་ལུས།
ང་དང་གཅུང་མོ་ རྨོ་ལགས་གི་འགྲམ་དུ།
ཁོང་གི་མི་ཚེའི་སྒྲུང་གཏམ་ མཉམ་དུ་ཉན་ཞིན་དུ།
མཉམ་དུ་མྱོང་རོལ་བྱེད་།
མཉམ་དུ་སེམས་པ་སྐྱོ།
མཉམ་དུ་གད་མོ་ཤོར།
ལ་ལ་ལ་ལ་ལ་ལ་ལ་
དགའ་སྐྱིད་ཅན་གྱི་སྒོར་ར་ཆུང་ཆུང་འདེའི་ནང་
དལ་མེད་དུས་ཚོད་མ་འགྲོ་འདི་རུ་བཞུགས་
བག་ཡང་ལྷོད་ལ་འབབས་པའི་ཚོར་སྣང་འདི་ནི
ང་དང་གཅུང་མོའི་རྣམ་གཤིས་འཁོར་ས་ཡིན།
补充纠错