点这进入:房屋修缮 上吉日象 点这进入: 5元起寄快递 找吉日象
查询

故乡歌词

作曲 : 扎西才旦
作词 : 多旦巴达杰
ཕ་ཡུལ།
གླུ་པ། ཡིད་བརྟན་ཕུན་ཚོགས།
བུ་ཆུང་བུ་ཆུང་ངའི་ཕ་ཡུལ་ན།
སྔོ་ཞིང་དྭངས་བའི་ནམ་མཁའ་ཆེ།
དར་དཀར་འདྲ་བའི་སྤྲིན་དཀར་མཛེས།
རབ་ཏུ་དཀར་བའི་གངས་རི་མཐོ།
ཡན་ལག་བརྒྱད་ལྡན་མཚོ་མོ་མང་།
ཕ་ཡུལ། ཕ་ཡུལ།
ཡངས་མོ་སྤང་གི་རྩྭ་ཐང་ཆེ།
འབྲུ་རིགས་སྣ་ལྔའི་བང་མཛོད་ཁེངས།
རྟ་ནོར་ལུག་གི་མེ་ཏོག་བཞད།
ལོ་རྒན་བརྒྱད་བཅུའི་གོས་དཀར་གྱོན།
ཕ་ཡུལ་ལགས་ཕ་ཡུལ།
སྟག་ཤར་གཞོན་ནུའི་རྩལ་དྲུག་ངོམས།
སྨན་ཆུང་བུ་མོའི་མཛེས་ཉམས་སྟོན།
ལོ་ཆུང་གཞོན་ནུས་རིག་གནས་སྦྱངས།
སྦྲང་དཀར་རྩམ་པའི་སྙིང་བཅུད་རྒྱས།
བུ་ཆུང་ང་ཡི་ལང་ཚོ་བཞད་སའི་ལྡུམ་ར།
བུ་ཆུང་ང་ཡི་རྨི་ལམ་འབྱུང་བའི་གནས་མཆོག
ཕ་ཡུལ་ལགས་ཕ་ཡུལ། ངའི་ཨ་ཕ་ཨ་མའི་ཕ་ཡུལ།
ནམ་ཡང་བྲལ་ཐབས་མེད་པའི་ཕ་ཡུལ།
ནམ་ཡང་བྲལ་ཐབས་མེད་པའི་ཕ་ཡུལ།
གླུ་གཞས་གསན་པར་ཐུགས་རྗེ་ཆེ།
བུ་ཆུང་བུ་ཆུང་ངའི་ཕ་ཡུལ་ན།
པོ་ཏ་ལ་དེ་བརྗིད་ཉམས་ཆེ།
གཙུག་ལག་ཁང་ལ་ཇོ་བོ་བཞུགས།
རབ་ཏུ་དཀར་བའི་གངས་རི་མཐོ།
ཡན་ལག་བརྒྱད་ལྡན་མཚོ་མོ་མང་།
ཕ་ཡུལ། ཕ་ཡུལ།
ཡངས་མོ་སྤང་གི་རྩྭ་ཐང་ཆེ།
འབྲུ་རིགས་སྣ་ལྔའི་བང་མཛོད་ཁེངས།
རྟ་ནོར་ལུག་གི་མེ་ཏོག་བཞད།
ལོ་རྒན་བརྒྱད་བཅུའི་གོས་དཀར་གྱོན།
ཕ་ཡུལ་ལགས་ཕ་ཡུལ།
སྟག་ཤར་གཞོན་ནུའི་རྩལ་དྲུག་ངོམས།
སྨན་ཆུང་བུ་མོའི་མཛེས་ཉམས་སྟོན།
ལོ་ཆུང་གཞོན་ནུས་རིག་གནས་སྦྱངས།
སྦྲང་དཀར་རྩམ་པའི་སྙིང་བཅུད་རྒྱས།
བུ་ཆུང་ང་ཡི་ལང་ཚོ་བཞད་སའི་ལྡུམ་ར།
བུ་ཆུང་ང་ཡི་རྨི་ལམ་འབྱུང་བའི་གནས་མཆོག
ཕ་ཡུལ་ལགས་ཕ་ཡུལ། ངའི་ཨ་ཕ་ཨ་མའི་ཕ་ཡུལ།
ནམ་ཡང་བྲལ་ཐབས་མེད་པའི་ཕ་ཡུལ།
བུ་ཆུང་ང་ཡི་ལང་ཚོ་བཞད་སའི་ལྡུམ་ར།
བུ་ཆུང་ང་ཡི་རྨི་ལམ་འབྱུང་བའི་གནས་མཆོག
ཕ་ཡུལ་ལགས་ཕ་ཡུལ། ངའི་ཨ་ཕ་ཨ་མའི་ཕ་ཡུལ།
ནམ་ཡང་བྲལ་ཐབས་མེད་པའི་ཕ་ཡུལ།
ནམ་ཡང་བྲལ་ཐབས་མེད་པའི་ཕ་ཡུལ།
补充纠错