点这进入:房屋修缮 上吉日象 点这进入: 5元起寄快递 找吉日象
查询

旦增洛艺 伴奏歌词

作词 : 洛次燃烧的音符
作曲 : 洛次燃烧的音符
编曲 : 桑珠
བསྟན་འཛིན་བློ་ཡིད།
ཚིག  བློ་བཟང་ཚེ་རིང་།
གདངས། བློ་བཟང་ཚེ་རིང་།
ལེན་མཁན། བློ་བཟང་ཚེ་རིང་།
རོལ་དབྱངས། བསམ་གྲུབ།
སྒྲ་འཇུག ལྷག་པ།
ལས་འཇུག རྡོ་རྗེ།
དྭངས་གཙང་གི་སྤྱན་ཟུང་།
ལྷད་མེད་ཀྱི་དགོད་སྒྲ།
ང་ཡི་སྙིང་གི་གཅེས་ཕྲུག་བསྟན་འཛིན་ལགས།
འཁྱར་འཁྱོར་གྱི་གོམ་འགྲོས་ཀྱིས།
པང་ལ་འཁྱུད་པའི་དུས་སུ།
ཨ་མའི་སྙིང་གི་གཅེས་ནོར་བློ་ཡིད་ལགས།
ག་ལེ་ག་ལེར་འཚར་ལོངས་ལ་ཡོང་དུས།
ཡོད་ཚད་ཡག་ཚད་ཚང་མ་སྤྲད་དགོས་བསམ།
མི་ཚེ་་ཡི་ལམ་བུར།
དཀའ་སྡུག་གང་ཞིག་བྱུང་ཡང་།
བུ་ཁྱེད་ཡོད་པས་འཚོ་བར་མངར་ཅང་ཅང་།
བུ་ཆུང་་་་་བསྟན་འཛིན་བློ་ཡིད།
བདེ་ཐང་ངང་ནས་འཚར་ལོངས་ཡོང་བའི་རེ་བ་དང་།
ཡ་རབས་ཚུལ་ལྡན་བྱམས་སེམས་ལྡན་པའི།
ལྷག་བསམ་ཅན་གྱི་བུ་ཞིག་བྱེད་ཨ།
༼བསྟན་༽བཅོས་རིག་པའི་གནས་ལ་བརྩོན་དགོས།
༼འཛིན་༽སྐྱོང་ཡ་རབས་སྤྱོད་བཟང་ལྡན་དགོས།
༼བློ་༽སེམས་བཟང་བའི་བུ་ཞིག་བྱེད་དགོས།
༼ཡིད་༽ཀྱི་མི་དགེ་གསུམ་པོ་སྤངས་དགོས།
འཚོ་བའི་དགའ་སྐྱོ་ཚང་མའི་འབྱུང་རྩ།
ལྷད་མེད་སེམས་ཀྱི་སྨོན་ལམ་འདེབས་ས།
ལས་དབང་བཟང་པོས་གནང་བའི་ལག་རྟགས།
སྙིང་ནས་བརྩེ་བའི་བསྟན་འཛིན་བློ་ཡིད།
ལོ་གཅིག་ལ་འཁོར་བའི་འཁྲུངས་སྐར་གྱི་ཉིན་མོ།
གླུ་ཡི་ཕྱག་རྟགས་ཁྱེད་ཀྱི་ཕྱོགས་ལ་ཕུལ།
སྤུན་གྲོགས་རྣམས་ཀྱི་སྨོན་ལམ་དང་།
ཕ་མའི་བསམ་འདུན་འགྲོགས་ནས།
བདེ་སྐྱིད་ངང་ནས་འཚར་ལོངས་ཡོང་བར་ཤོག
མེ་ཚེ་ཡི་ལམ་བུའི་སྟེང་།
དཀའ་ངལ་གང་ཡང་འཕྲད་སྲིད།
ཡིད་ཐང་མ་ཆད་སེམས་ཤུགས་མ་ཆགས་ཨང་།
བྱས་པའི་ལས་ལ་འགྱོད་པ་མེད་པ་གནང་དང་།
ང་གཉིས་ནམ་ཡང་ཁྱེད་ཀྱི་རྒྱབ་རྟེན་ཡིན།
བུ་ཆུང་་་་་བསྟན་འཛིན་བློ་ཡིད།
བདེ་ཐང་ངང་ནས་འཚར་ལོངས་ཡོང་བའི་རེ་བ་དང་།
ཡ་རབས་ཚུལ་ལྡན་བྱམས་སེམས་ལྡན་པའི།
ལྷག་བསམ་ཅན་གྱི་བུ་ཞིག་བྱེད་ཨ།
སེམས་པ་བཟང་བའི་བུ་ཞིག་བྱེད་ཨ།
补充纠错